ལོ། ༡༩༧༠

༄༅༎ རིག་གནས་ལ་རྒྱུན་འཛིན་དགོས།

ལོ་རྒྱུས།

༄༅།། མི་རབས་བཅུ་གསུམ་གྱི་ཐང་ག་རྒྱུན་འཛིན།

དགའ་སྨན་ལུགས་ཀྱི་ཐང་ག་འབྲི་བའི་ལག་རྩལ་ནི་མགར་ཚ་ཚང་གི་དུས་རབས་རིམ་བྱུང་གི་ཐང་ག་རྒྱུན་འཛིན་སྲུང་སྐྱོབ་བྱས་པ་དང་ད་བར་རྒྱུན་འཛིན་བྱས་པའི་ཐང་ག་འབྲི་བའི་ལག་རྩལ་ཞིག་རེད། དེའི་རྒྱུན་འཛིན་པ་ཀརྨ་འོད་ཟེར་ནི་བོད་ལྗོངས་ཁམས་ཕྱོག་འཇོ་མདའ་རྫོང་རིན་མདའ་གྲོང་ཚོའི“མགའ་རྩ་”ཁྱིམ་རྒྱུད་ཡིན། སྤྱི་ལོའི་དུས་རབས་བདུན་པའི་སྐབས་ནས་ཐང་གའི་སྒྱུ་རྩལ་གྱི་ཁྱིམ་རྒྱུད་ཞིག་ཡིན།

དགའ་སྨན་རི་མོའི་ལུགས་ཀྱི་ཐང་ག་འབྲི་བའི་ལག་རྩལ་གྱི་རྒྱུན་འཛིན་པ་ཀརྨ་འོད་ཟེར་གྱི་རྒྱུན་འཛིན་འོག་ཐང་ག་འབྲི་བའི་བསྡུར་ཚད་དང་། གཟུགས་བརྙན། ཉམས་འགྱུར། ཚོན་རྫས་བཅས་ཀྱི་བཟོ་རྩལ་དང་ཇུས་འགོད་ཉམས་འགྱུར་སོགས་ཐད་གཞན་དང་མི་འདྲ་བའི་སྒྱུ་རྩལ་གྱི་མཚོན་ཚུལ་ཡོད་པ་མ་ཟད། སློབ་མ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ནས་ཁྱིམ་རྒྱུད་ཀྱི་ཐང་ག་འབྲི་བའི་ལག་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་ཀྱི་ཡོད།

བོད་ལྗོངས་ཆབ་མདོ་འཇོ་མདའ་རྫོང་དགའ་སྨན་ཐང་ག།

དགའ་ཚའི་ཁྱིམ་རྒྱུད་ཀྱི་ཐང་གའི་འབྲི་རྩལ་རྒྱུན་འཛིན་དང་སྲུང་སྐྱོང་བྱས་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཡོད།ད་ཆ་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ནི་སྐར་མའི་འོད་ཟེར་ཡིན་པ་དང་།བོད་ཀྱི་ཁམས་ཁུལ་འཇོ་མདའ་རྫོང་རིན་མདའ་གྲོང་ཚོའི“དགའ་ཚ་”ཁྱིམ་རྒྱུད་ལ་སྔ་ས་ནས་སྤྱི་ལོའི་དུས་རབས་བདུན་པའི་སྐབས་ཐང་གའི་སྒྱུ་རྩལ་གྱི་ཁྱིམ་རྒྱུད་ཅེས་བརྗོད་ཀྱི་ཡོད།

རྒྱུན་འཛིན།། གསར་སྒྱུར།།  གསར་གཏོད།།  བསམ་ཕྱོགས།

༡༩༩༢ལོར་སྐྱེས་པ། ལོ་རྒྱད་ནས་བཟུང་མེ་ཏོག་དང་རྩི་ཤིང་ཁ་ཤས་འབྲི་རྒྱུའི་སྦྱོང་རྒྱུ་འགོ་བཙུག།རྗེས་སུ་སློབ་གྲྭར་འགྲོ་ཞོར་དུ་རི་མོ་སྦྱོང་གི་ཡོད། སློབ་གྲྭ་འགྲིམ་རིང་ཐོག་མཐའ་བར་གསུམ་དུ་འཛིན་གྲྭའི་ནག་པང་ཚགས་པར་གྱི་ཇུས་འགོད་དང་རི་མོ་འབྲི་བའི་འགེན་ཁུར། སློབ་ཆེན་ལོ་རིམ་དང་པོ་ནས་བཟུང་ཐང་གའི་ཤེས་བྱ་དང་ནང་བསྟན་རིག་པའི་ཤེས་བྱ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཐང་ག་འབྲི་སྐབས་ཅུང་དཀའ་བའི་ཆ་ཤས་ཤིག་ཚོད་ལྟ་བྱས་པ་དང་། ལོ་༢༠༡༧སློབ་ཆེན་ཐོན་ཟིན་སོང་རྗེས་ཨ་ཕའི་འགྲམ་དུ་བསྡད་དེ་སྔར་ལས་རྒྱུད་རིམ་ལྡན་པའི་ངང་ཐང་གའི་ལག་རྩལ་སློབ་སྦྱོང་བྱེད་འགོ་ཚུགས།དེའི་རིང་ང་ལ་འགོག་རྐྱེན་བཟོ་བའི་གནད་དོན་མང་པོ་ཐག་གཅོད་བྱས་ཐུབ་བྱུང་ལ། ཐང་གར་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་བ་དང་ཆབས་ཅིག་འཇོ་ཕུ་དགོན་གྱི་ལྡེབས་རིས་ནང་ཞུགས་པ་དང་ཆབས་ཅིག་རང་ཉིད་ཀྱི་བརྩམས་ཆོས་གྲ་སྒྲིག་ཀྱང་བྱས་ཏེ་སློབ་སྦྱོང་སྔར་བས་ལེགས་པར་བྱུང་། ༢༠༢༡ལོའི་ཟླ་༡༢པར《མི་ལ་རས་པ།》ཞེས་པ་དེ་ལོ་གསུམ་བརྒྱུད་གཞི་ནས་ལེགས་གྲུབ་བྱུང་།།

༢༠༡༩ལོར་བོད་བཟོའི་རིག་གནས་གསར་གཏོད་སྤུས་རྟགས“རི་ནེ་ཕེ་སྐྱིད་མཚོ”ཐོ་འགོད་བྱས་ནས་བཙུགས་པ་རེད།